获取下载链接
歌词

作词 : 巴桑贡嘎

作曲 : 巴桑贡嘎

ཕ་ཡུལ།

离乡

ཚིག་྿པ་སངས་ཀུན་དགའ།

词:巴桑贡嘎

གདངས་྿པ་སངས་ཀུན་དགའ།

曲:巴桑贡嘎

གཞས་ལེན་མཁན་྿པ་སངས་ཀུན་དགའ།

演唱:巴桑贡嘎

རོལ་དབྱངས་སྒྲིག་བཟོ་྿པ་སངས་ཀུན་དགའ།

编曲:小飞 巴桑贡嘎

​ཕ་ཡུལ་བཞག་ནས་ཡོང་ཡོད།

ལ་ལུང་བརྒྱབ་ནས་ཡོང་ཡོད།

ཕུགས་བསམ་འདི་ཆེད་དུ།

ཕ་མ་བྲལ་ནས་ཡོང་།

རྩམ་པ་བཟའ་ཉིད་འགྲོ་གི།

བོད་ཐུག་བཏུང་ཉིད་འགྲོ་གི།

ཕྱི་ལོག་གི་ཁ་ལག་དེ་ཚོ་ཞིམ་པོ་ག་ཚོད་ཡོད་ནའི་འདྲ།

རྕམ་པ་ནང་བཞིན་བཅུད་ཆེན་པོ་མི་འདུག།

མཐའ་བཞི་གངས་རིས་བསྐོར་བ་དེ།

བུ་ང་སྐྱེས་སའི་ཕ་ཡུལ་ཡིན་ལ།

དྭངས་གཙང་ཆུ་མོའི་བཞུར་རྒྱུན་དེ།

ང་ཚོ་བོད་མིའི་ངང་རྒྱུད་རེད།

ཚེ་འདིར་ང་བོད་ལ་སྐྱེས་པ་ང་རང་བསོད་ནམས་ཡིན་བསམ།

ཚེ་འཆི་མ་ཡང་ད་ག་རང་ལ་སྐྱེས་པ་ཤོག་ཨོཾ་མ་ཎི་པདྨེ་ཧཱུྃ།

ཚེ་འདིར་ང་བོད་ལ་སྐྱེས་པ་ང་རང་བསོད་ནམས་ཡིན་བསམ།

ཚེ་འཆི་མ་ཡང་ད་ག་རང་ལ་སྐྱེས་པ་ཤོག་ཨོཾ་མ་ཎི་པདྨེ་ཧཱུྃ།

ཚེ་འདིར་ང་བོད་ལ་སྐྱེས་པ་ང་རང་བསོད་ནམས་ཡིན་བསམ།

ཚེ་འཆི་མ་ཡང་ད་ག་རང་ལ་སྐྱེས་པ་ཤོག་ཨོཾ་མ་ཎི་པདྨེ་ཧཱུྃ།

ལ་ལུང་མང་པོ་བརྒྱབ་ནས།

གཞན་ཡུལ་ཕྱོགས་ལ་སླེབས་ཞིག་དུས།

ཆ་རྒྱུས་མེད་པའི་གཞན་ཡུལ

ང་སེམས་ཆགས་པ་ལ་མིན་འདུག།

རྩྭ་ཐང་ནོར་ལུག་དྲན་གིས།

མཛེས་ལྡན་ལྷ་མོ་དྲན་གིས།

གྲོང་ཁྱེར་ནང་གི་འཚོ་བ་དེ་ཚོ་རྒྱུ་དབང་ཡོད་པའི་བསྐྱལ་ཡག་ཡིན་ནའི།

རྩྭ་ཐང་གི་འཚོ་བ་ཡིད་ལ་དྲན་གྱིས།

བོད་སྐད་གོ་རྒྱུ་མི་འདུག

ཉི་འོད་མཐོང་རྒྱུ་མི་འདུག

སེམས་པ་སྐྱོ་བའི་གླུ་འདི།

ཕ་ཡུལ་ཕྱོགས་ལ་བཏང་ཡོད།

ཆ་རྒྱུས་མེད་པའི་གཞན་ཡུལ།

རང་སེམས་ཆགས་པ་མིན་འདུག།

ཕ་ཡུལ་གྱི་རྩྭ་ཐང་རི་བོ།

སེམས་ནང་གི་ལྷ་ལྡན་ཞིང་ཁམས།

མཐའ་བཞི་གངས་རིས་བསྐོར་བ་དེ།

བུ་ང་སྐྱེས་སའི་ཕ་ཡུལ་ཡིན་ལ།

དྭངས་གཙང་ཆུ་མོའི་བཞུར་རྒྱུན་དེ།

ང་ཚོ་བོད་མིའི་ངང་རྒྱུད་རེད།

ཚེ་འདིར་ང་བོད་ལ་སྐྱེས་པ་ང་རང་བསོད་ནམས་ཡིན་བསམ།

ཚེ་འཆི་མ་ཡང་ད་ག་རང་ལ་སྐྱེས་པ་ཤོག་ཨོཾ་མ་ཎི་པདྨེ་ཧཱུྃ།

ཚེ་འདིར་ང་བོད་ལ་སྐྱེས་པ་ང་རང་བསོད་ནམས་ཡིན་བསམ།

ཚེ་འཆི་མ་ཡང་ད་ག་རང་ལ་སྐྱེས་པ་ཤོག་ཨོཾ་མ་ཎི་པདྨེ་ཧཱུྃ།

ཚེ་འདིར་ང་བོད་ལ་སྐྱེས་པ་ང་རང་བསོད་ནམས་ཡིན་བསམ།

ཚེ་འཆི་མ་ཡང་ཟླ་ག་རང་ལ་སྐྱེས་པ་ཤོག་ཨོཾ་མ་ཎི་པདྨེ་ཧཱུྃ།