获取下载链接
歌词

编曲 : 源头音符

源头音符推广宣传

སྤྲིན་པའི་སྟེང་ལ།

ཡིད་འོང་གི་ཉི་མ་ལྷ་ས་བཞུགས་ཡོད།

ཁྲི་གདུགས་ཀྱི་ཉི་འོད་ནི།

ཡིད་དབང་འཕྲོག་པའི་འཛུམ་ཞལ་རེད།

ནམ་མཁའི་མཚམས་ཀྱི་ཡིད་འོང་གི

ཡིད་འོང་གི་ཉི་མ་ལྷ་ས།

ཨོ། བརྗིད་ཆགས་ཀྱི་པོ་ཏ་ལ།

དེ་འདྲ་ངོ་མཚར་ཆེའོ།

ཨ་ཧ་ལྷ་ས།

ཉི་མ་ལྷ་ས།

ཨོ་ཧོ། ལྷ་ས་འགྲོ་བའི་མི་ཡི་གནས་མཆོག

ཨོ། ང་ཡིས་གླུ་དབྱངས་གླུ་དབྱངས་སྙན་མོས།

དྲན་སེམས་ཁྱེད་ལ་ཞུ་ཡོང་།

རྒྱ་མཚོའི་སྟེང་ལ།

མཛེས་་སྡུག་གི་ཉི་མ་ལྷ་ས་ཆགས་ཡོད།

ལྷུང་ལྷུང་གི་སྐྱིད་ཆུ་ནི།

སྙན་ཞིང་འཇེབས་པའི་གླུ་དབྱངས་རེད།

ནམ་མཁའི་མཚམས་ཀྱི་མཛེས་སྡུག་གི

མཛེས་སྡུག་གི་ཉི་མ་ལྷ་ས།

ཨོ། དབྱར་ཁའི་ནོར་བུ་གླིང་ཁ།

དེ་འདྲ་མཛེས་ཉམས་ཆེའོ།

ཨ་ཧ་ལྷ་ས།

ཉི་མ་ལྷ་ས།

ཨོ་ཧོ། ལྷ་ས་འགྲོ་བ་མི་ཡི་གནས་མཆོག

ཨོ། ང་ཡིས་གླུ་དབྱངས་གླུ་དབྱངས་སྙན་མོས།

དྲན་སེམས་ཁྱེད་ལ་ཞུ་ཡོང་།

ཨ་ཧ་ལྷ་ས།

ཉི་མ་ལྷ་ས།

ཨོ་ཧོ། ལྷ་ས་འགྲོ་བ་མི་ཡི་གནས་མཆོག

ཨོ། ང་ཡིས་གླུ་དབྱངས་གླུ་དབྱངས་སྙན་མོས།

དྲན་སེམས་ཁྱེད་ལ་ཞུ་ཡོང་།

ང་ཡི་སེམས་པ་ཁྱེད་ལ་འབུལ་ཉི་མ་ལྷ་ས།

ང་ཡི་རྨི་ལམ་ཁྱེད་ལ་འབུལ་གནས་མཆོག་ལྷ་ས།

ང་ཡིས་གླུ་དབྱངས་གླུ་དབྱངས་སྙན་མོས།

དྲན་སེམས་ཁྱེད་ལ་ཞུ་ཡོང་།

ལྷ་ས། ཉི་མ་ལྷ་ས།

ལྷ••••ཨ••••ས།