获取下载链接
歌词

作词 : 民间

作曲 : 民间

ཚེས་པ་བཅོ་ལྔའི་ཟླ་བ།

གངས་རིའི་རྩེ་ནས་ཤར་དུས།

སེམས་ཀྱི་གངས་ལྷ་མེ་ཏོག

ནམ་ཡང་བརྗེད་ཐབས་མི་འདུག

སེམས་ཀྱི་ལྷ་མོ། སེམས་ཀྱི་ལྷ་མོ།

སེམས་ཀྱི་ལྷ་མོ། སེམས་ཀྱི་ལྷ་མོ།

ང་དང་ཁུ་བྱུག་གཉིས་ཀ

འཛམ་གླིང་སྐོར་བ་བརྒྱབ་དུས།

སེམས་ཀྱི་གངས་ལྷ་མེ་ཏོག

ནམ་ཡང་བརྗེད་ཐབས་མི་འདུག

སེམས་ཀྱི་ལྷ་མོ། སེམས་ཀྱི་ལྷ་མོ།

སེམས་ཀྱི་ལྷ་མོ། སེམས་ཀྱི་ལྷ་མོ།

ང་དང་གངས་ལྷ་མེ་ཏོག

གངས་རིའི་འདབས་ནས་སྐྱེས་ཀྱང་།

སྙིང་རྗེ་མེད་པའི་ལས་ཀྱིས།

ཤར་དང་ནུབ་ལ་སྐྱེལ་འདུག

སེམས་ཀྱི་ལྷ་མོ། སེམས་ཀྱི་ལྷ་མོ།

སེམས་ཀྱི་ལྷ་མོ། ཨོ། སེམས་ཀྱི་ལྷ་མོ།