作词 : 加吴
作曲 : 民间
编曲 : 更尕尼玛
བྱེ་ཐང་གི་སྨྲེང་གླུ།
གླུ་ཚིག:ལྕགས་བོད།
དབྱངས:དམངས་ཁྲོད།
གཞས་པ:འཇམ་བྷེ།
སྒྲ་སྙོམས་སྒྲིག:ཀུན་དགའ་ཉི་མ།
མངའ་རིས་སྒྲ་སྙན།:འཇམ་བྷེ།
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
དགུང་ཕྱི་དྲོའི་སྤྲིན་པ་ལང་ལུང་རེད། །
ཆར་ཟིལ་མ་ད་འབབ་ད་དྭངས་རེད། །
སེམས་སྐྱ་མོ་ཕྱེ་ཐང་རླུང་བུ་བཞིན། །
གཡུག་གཡུག་ཀྱང་གཏད་སོ་མི་རྙེད་ཀི།
ཡུལ་རྒྱུས་ཡོད་རྒྱུས་མེད་སྲང་ལམ་རེད། །
རྒྱུས་ཡོད་པའི་མིག་ཟུང་འཁྱག་པ་རེད། །
ཞེ་སྣང་བ་དགུན་ཁའི་བྱེའུ་བཞིན། །
གྲང་གྲང་ཡང་འབབ་ས་མི་རྙེད་ཀི།
ཆུང་བྱམས་པ་ཆ་མེད་ངང་ཆུང་རེད། །
བསྐོར་བསྐོར་བའི་མཚོ་ཆུང་བསྐྱུར་ནས་འཕུར། །
ནང་བརྩེ་བའི་རྒྱུད་སྐུད་གྲིམ་ལྷོད་ཅན། །
ཕྱག་སོར་མོས་དཀྲོལ་ཡང་འདར་ར་ར། །
ཆང་འཐུང་བའི་ཨ་ཕོ་སྨྲེང་བ་ལ། །
ར་བཟི་བའི་སེམས་པ་ཇེ་སྨྲེང་རེད། །
ཆང་བདུད་རྩིར་འདྲེས་པའི་རྒྱབ་གཟུགས་དེ། །
ལག་དཀར་ཡོལ་ཁ་ན་ཇེ་གསལ་རེད། །